21:38
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སྟྲེ་ལི་ཡ་ཨེ་ཤི་ཡ་ནས་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མཁན་རྣམ་པ་ངོ་སྤྲོད། ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བ་དང་བསྟུན། འདི་ག་རླུང་འཕྲིན་ཁང་གི་ངོས་ནས་ལྷོ་བྱང་ཨ་མི་རི་ཀ་ནས་འགོ་འཛུགས་ཀྱིས་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མཁན་གསར་པ་རྣམ་པ་ངོ་སྤྲོད་ཞུ་བཞིན་པ་ལྟར། ཐེངས་འདིའི་ལས་རིམ་ནང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སྟྲེ་ལི་ཡ་ཨེ་ཤི་ཡ་ནས་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མཁན་ཁག་གཅིག་ངོ་
3.9K views4 months ago
FacebookVoice of Tibet
23:59
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་དང་འབྲེལ་བའི་གླེང་མོལ། ཟླ་བ་འདིའི་ཚེས་ ༡༢ ཉིན་བཞུགས་སྒར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་སྐུ་འདས་གྲོངས་སུ་གྱུར་ནས་ལོ་ངོ་ ༨ འཁོར་བའི་རྗེས་དྲན་ཉིན་མོ་སྲུང་བརྩི་ཞུས་ཏེ་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་དེ་རྒྱ་ནག་གཞུང་གིས་ཚེ་བཙོན་ཁྲིམས་ཐག་བཅད་པའི་བོད་ཀྱི་འབྱོར་ལྡན་ཚོང་པ་དང་སྤྱི་ཚོགས་ཞབས་ཞུ་བ་རྡོ་རྗེ་བཀྲིས་ལགས་དང་ཁོང་གི་སྲིང་མོ་མགོན་པོ་སྐྱིད་ལགས་རྣམ་གཉིས་ལ་ཕུལ་ཡོད་པ་རེད།
18.1K viewsJul 14, 2023
FacebookVoice of Tibet
8:59
ཨེས་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་ལ་མཇལ་ཁ་སྩལ་བ། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༤ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨེས་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་སོགས་དད་ལྡན་ ༣༠༠ ལྷག་ལ་མཇལ་ཁ་སྩལ་ཡོད་པ་དང་། སྐབས་དེར་ཨེས་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་རྣམས་ནས་ཡུལ་དེར་བཞུགས་པའི་༸རྒྱལ་བའི་བཞུགས་ཁྲི་
1.9K views5 months ago
FacebookVoice of Tibet
1:13:16
བོད་རྒྱ་འབྲེལ་མོལ་དང་༸རྒྱལ་བའི་ཡང་སྲིད། གཞུང་གསར་པའི་མ་འོངས་ཁ་ཕྱོགས་བཅས་ཀྱི་ཐོག་གླེང་མོལ། ༢༠༢༦ ལོ་དེ་བཞིན་བཙན་བྱོལ་ནང་མཚོན་ན་འོས་བསྡུ་ཆེན་མོའི་དུས་ཚོད་ཅིག་ཡིན་པའི་ཆ་ནས་ཆེས་གནད་འགག་ཅན་དང་གཞུང་གསར་པ་སུ་ཞིག་ཕེབས་པ་ཡིན་ནའང་མ་འོངས་ལོ་ལྔར་ཁ་གཏད་ནས་བཙན་བྱོལ་བོད་མིའི་བདེ་དོན་ཙམ་མིན་པར་བོད་རྒྱའི་གནད་དོན་སེལ་རྒྱུར་སྔར་ལྷག་ཤུགས་གནོན་བསྐྱོན་དགོས་པ་དེ་བས་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད། དེ་རིང་གི་ལས་རིམ་ནང་ལོ་མང་རིང་བོད་རྒྱ་འབྲེལ་མོལ་སྣེ་ཁྲིད་གནང་མྱོང་བར་མ་ཟད། ད་ཆ་གཏན་འཇགས་འཐབ་བྱུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ།
2.5K views2 months ago
FacebookVoice of Tibet
See more